淘宝智能热水袋联盟

བོད་ཁུལ་ནས་ཐོན་པའི་བོད་ཡིག་དྲ་ཐོག་དཔེ་ཁང་ཚད་ལྡན་ཞིག་གི་ངོ་སྤྲོད།

90后雪子的声音2018-05-04 08:06:56






དཔེ་ཁང་ངོ་སྤྲོད།

 དགེ་ཆོས་བོད་ཡིག་དྲ་ཐོག་དཔེ་ཁང་ནི་དགེ་ཆོས་དཔེ་ཁང་གིས་དྲྭ་ལམ་ནས་དཔེ་དེབ་ཉོ་འཚོང་བྱས་པ་ལས་བྱུང་བ་ཞིག་ཡིན་ལ།  ཉེ་ཆར་བོད་ཁུལ་གྱི་ས་ཆ་སྟོད་སྨད་བར་གསུམ་ལ་སྐུར་བཞིན་ཡོད།  མ་ཟད།  ནང་ལོག(内地)གི་སློབ་གྲྭ་ཆེན་མོར་འགྲོ་བཞིན་པའི་བོད་ཡིག་ཀློག་པ་པོ་དག་ལའང་དཔེ་ཆ་མི་ཉུང་བ་རེ་མཁོ་འདོན་གནང་ཀི་ཡོད།  
     དྲ་ཐོག་དཔེ་ཁང་འདིའི་དཔེ་དེབ་དག་ནི་བརྒྱ་ཆ་གོ་དགུ་དཔེ་བསྐྲུན་ཁང་ཚད་ལྡན་ནས་ཡོང་བ་ཡིན་ཞིང་།  དེ་མིན་དཔེ་དཀོན་གྱི་སྐོར་ཡང་མི་ཉུང་བ་རེ་མཁོ་འདོན་གནང་ཀི་ཡོད།  ནང་དོན་གཙོ་བོ་རྩོམ་རིགས་དང་བསྒྱུར་རྩོམ།  ལོ་རྒྱུས།   བསམ་བློ། དུས་དེབ།  རྒྱུན་ཤེས།  སློབ་དེབ།   ཀུན་སྤྱོད་སོགས་ཅི་ནུས་ཀྱིས་མཁོ་འདོན་བྱེད་དོ། 
     མི་ལོ་གཉིས་ལྷག་ལ་གཉེར་བའི་དྲྭ་ཐོག་དཔེ་ཁང་གི་ཕྱིར་འཚོང་བརྒྱུད་ལམ་གཙོ་བོ་ནི་འཕྲིན་ཕྲན་དང་འཕྲིན་ཚོང་། ( 微店)ནོར་འདྲུ( 淘宝店)སོགས་ཡིན་ལ།  ཉེ་ཆར་བོད་མི་ཀློག་པ་པོ་མང་པོའི་དགའ་བསུ་དང་དང་ལེན་བྱེད་བཞིན་ཡོད་པ་མ་ཟད།  ཞབས་ཞུ་ཡོད་ཚད་བོད་ཡིག་བོད་སྐད་ཀྱི་ཐོག་ནས་བྱེད་ཀི་ཡོད་ལ།  དགོས་མཁོ་ཡོད་ཚེ་རྒྱ་སྐད་སོགས་ནས་ཀྱང་ཞབས་ཞུ་གནང་ཀི་ཡོད།  
     ལྷག་དུ་ཞབས་ཞུའི་རྣམ་འགྱུར་དང་དཔེ་ཆའི་རྒྱུ་སྤུས།  ད་རུང་བཙོང་རྗེས་ཀྱི་ཞབས་ཞུ( 售后服务) དང་འགན་ཁུར་སོགས་ལ་བོད་མི་དག་གིས་བསྟོད་པའི་མཐེ་བོང་བསྒྲེང་ཀི་ཡོད་ལ།  དཔེ་ཆར་ཉུལ་ཚད་ཀྱང་འཕྲིན་ཚོང་ཁོ་ནའི་ཁྲི་བཅུ་བདུན་ལྷག་ལ་བུད་དོ།  
     གལ་ཏེ་ཁྱེད་རང་ལའང་དཔེ་ཆ་དགོས་མཁོ་དང་དཔེ་ཀློག་ལ་མོས་མཁན་ཞིག་ཡིན་ཚེ་དགེ་ཆོས་དཔེ་ཁང་གི་འཕྲིན་སྟེགས་ལ་དོ་སྣང་བྱོས་དང་དེ་ནས་འཕྲིན་ཕྲན་དང་།  འཕྲིན་ཚོང་།  ནོར་འདྲུ་སོགས་ཀྱི་ཕྱིར་འཚོང་བརྒྱུད་ལམ་རྙེད་ངེས་སོ།   





联系我们

电话:18383610281
微信:w2017zd
地址:四川甘孜色达县
邮箱:2624365801@qq.com




Copyright © 淘宝智能热水袋联盟@2017